恋歌 - 岗吾尕周
词:多智合
曲:旦正才让
原唱:岗吾尕周
录音编曲:谢尔巴
和声:旦正才让/谢尔巴
音乐宣传:谢旦贴吧工作室
ངའི་དམ་ཚིག་གོར་མོ་རྡོ་ལ།
ཚེ་འདི་ཕྱིའི་ནག་ཐིག་མ་བཟོ།
ངའི་བརྩེ་དུང་དར་དཀར་མདུད་པ།
ཆད་སོང་ན་འགྱོད་པ་ང་ཆེ།
རི་སྡེ་བའི་མྱི་ཁའི་ཁྲོད་ནས།
ཁྱོའི་ཕྱོགས་ལ་སྐད་ཅིག་བཏང་ཡོད།
རི་མཐོན་པོའི་ཁ་བ་ཞུ་མེད།
རྫ་མཐོན་པོའི་སྨུག་པ་དྭངས་མེད།
ལམ་སྐྱ་མོ་རྡོག་པས་མནན་ནས།
ས་ཐག་རིང་ཡུལ་ལ་ཆས་འགྲོ།
ང་གར་འགྲོ་འདིར་འགྲོ་འདྲི་ན།
ང་འགྲོ་ས་གཡེར་མོ་ཐང་ཡིན།
ས་ཐག་རིང་བྱང་ཐང་འགྲིམས་དུས།
སེམས་སྐྱ་མོ་གནམ་གྱི་མཐའ་རེད།
དགུང་ཉི་མ་ནུབ་རིར་ཡལ་དུས།
ཞེ་སྣང་བ་ཨ་ཐང་ཆད་ཐལ།
ཕྱིར་འཁོར་ནས་ལག་བརྡ་འཕེན་ཞོར།
སྡེ་ཆེན་པོའི་གྲོང་ལ་བུད་སོང་།