最近搜索
卓巴Star - 三智才让&索扎&黎智坚措 《卓巴Star》 HQ SQ
更新时间:2025-04-08 10:37:38
文件格式:flac
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
卓巴Star - 三智才让&索扎&黎智坚措 相似推荐
歌词

འབྲོག་པSTAR

ཚིག་རྩོམ་མཁན། བསོད་བཀྲ།

དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། མགར་བསམ་འགྲུབ་ཚེ་རིང་། བསོད་བཀྲ། ཀླུ་སྒྲུབ་རྒྱ་མཚོ།

དེ་དུས་ཀྱི་སེམས་སོང་ཁྱེད་རང་། །

དུས་ད་ལྟ་བདེ་མོ་ཨེ་ཡིན། །

དེ་དུས་ཀྱི་སྣང་བ་ཁྱེད་རང་། །

དུས་ད་ལྟ་གནས་བཟོད་བདེའམ། །

ག་ལེར་ག་ལེར་ག་ལེརSay Hey Hoo

མ་རེད་མ་རེད་མ་མེད་ མགྱོགས་ཅེས་ཤོག

སུ་རེད་སུ་རེད་ས་རེད་ སུ་ཡིན་རུང་དེ་རིང་ངའི་ལམ་མ་འགོག

ག་ལེར་ག་ལེར་ག་ལེརSay Hey Hoo

མ་རེད་མ་རེད་མ་རེད་ ཀི་བསྭོ་བསྭོ།

སུ་རེད་སུ་རེད་སུ་རེད་ སུ་ཡིན་རུང་དེ་རིང་ངའི་གྲོགས་བྱས་ཆོག

ང་ནི་ཁ་སང་གི་ཁྲོམ་ལམ་གྱི་མེད་པོ།

དེ་རིང་ཚོང་རའི་ཁེ་ཕན་གྱི་དཔོན་པོ།

སང་ཉིན་ཁྱེད་ཚོའི་དངུལ་བྱང་གི་བདག་པོ།བུ་མེད་ཚོའི་ཁྱོ་བོ།སེམས་ནང་གི་མཛའ་བོ།ཀླུ་སྒྲབ་རྒྱ་མཚོ། $CARK!D

HOOK(三智才让)

དེ་དུས་ཀྱི་སེམས་སོང་ཁྱེད་རང་། །

དུས་ད་ལྟ་བདེ་མོ་ཨེ་ཡིན། །

དེ་དུས་ཀྱི་སྣང་བ་ཁྱེད་རང་། །

དུས་ད་ལྟ་གནས་བཟོད་བདེའམ། །

RAP2(索扎)

རྣ་ལ་གཡུ་ཡི་རྣ་ལུང་བཏེགས།

ཕྱོར་སོ་གཉིས་ཀ་གསེར་གྱི་ལྷན།

འཛུབ་དཀྲིས་རྟ་སྒ་མ་དེ་གྱོན།

འདོ་རིག་རྟ་ཕོའི་གོང་ནས་འགྱིང་།

ང་ཡོང་ཡོང་གངས་ནས་ཡོང་།

གངས་དཀར་བོ་ཞིག་གི་འདབས་ནས་ཡོང་།

ང་འགྲོ་འགྲོ་གངས་ལ་འགྲོ

གངས་རི་ར་བའི་བསྐོར་བའི་ཡུལ་ལ་འགྲོ།

ང་གང་ལ་སོང་རུང་གང་ནས་བསྡད་རུང་གངས་ཕྲུག་ཞིག་ཡིན་ནོ་གང་གིས་མི་ཤེས།

ཁྱོད་ཁྱོས་བསམ་པའི་Rap Star

ང་ངའི་ཚོད་ཀྱི་འབྲོག་པ་Star

ངེད་གཉིས་འགྲོ་ལམ་མི་གཅིག་རང་རང་ས།

ང་འགྲོ་སའི་འདུག་སའི་ས་ན་དགའ་བསུའི་ཀི་སྒྲ་ཡོད།

ཚང་མས་ཐལ་མོ་མཉམ་དུ་རྡོབས་ཤོག

ཚང་མས་ལག་པ་ཡར་ལ་ཁྱོག་ཤོག

དེ་རིང་གི་རྩམ་དྲི་བྲོ་བའི་Partyའདི་ནས་ཚང་མ་མཉམ་དུ་སྤྲོ་ཤོག

སྲིད་པ་རྒན་པོའི་ཟེར།

སྐད་ཆ་མང་ན་ཉོག་འགྲོ།

སྐུད་པ་རིང་ན་ཆད་འགྲོ།

ད་དེ་འདྲ་ཅེས་པ་་་་་་་་

HOOK(三智才让)

དེ་དུས་ཀྱི་སེམས་སོང་ཁྱེད་རང་། །

དུས་ད་ལྟ་བདེ་མོ་ཨེ་ཡིན། །

དེ་དུས་ཀྱི་སྣང་བ་ཁྱེད་རང་། །

དུས་ད་ལྟ་གནས་བཟོད་བདེའམ། །

བསམ་མེད་ཀྱི་དྲན་པ་འདི་ཡིས། །

ཁྱོད་དྲན་ན་ངོ་མས་དཀའ་འི། །

དེ་དུས་ཀྱི་སེམས་སོང་ཁྱེད་རང་། །

དུས་ད་ལྟ་བདེ་མོ་ཨེ་ཡིན། །

དེ་དུས་ཀྱི་སྣང་བ་ཁྱེད་རང་། །

དུས་ད་ལྟ་གནས་བཟོད་བདེའམ། །

བསམ་མེད་ཀྱི་དྲན་པ་འདི་ཡིས། །

ཁྱོད་དྲན་ན་ངོ་མས་དཀའ་འི། །