最近搜索
织梦 - 仁多尔 《织梦》 HQ SQ
更新时间:2025-03-22 07:28:33
文件格式:flac
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
织梦 - 仁多尔 相似推荐
歌词

织梦སེམས་སོང་བྱམས་པ། - 仁多尔

词:牧人德加

曲:仁多尔

编曲:仁多尔

录音混音:仁青东知

歌词翻译:牧人德加/杨宇超

རྒྱང་རིང་གི་རེ་སྒུག་ཅིག་གི་ཆེད་དུ།

ཨེ་འགྲུབ་མི་ཤེས་པའི་ཕུགས་འདུན་དེ་རུམ་ནས།

བཅད་ཟིན་པའི་གཤོག་སྣེ་མཐུད་ནས།

ཡིད་ཆེས་མེད་ཀྱང་ལམ་ལ་ཤུགས་ཀྱིས་ཆས།

དཔྱིད་ཀ་གཉིད་སོང་།

རི་ཆུ་གཉིད་སོང་།

ས་བོན་སད་ནས་འདུག

ལོ་རྒྱུས་གཉིད་སོང་།

འཇིག་རྟེན་གཉིད་སོང་།

འུ་གཉིས་སད་ནས་འདུག།

ལས་དབང་གི་ཆུང་འདྲིས་ལགས།

ང་ཡི་སེམས་ཁོངས་གྲིབ་མས་གཡོག

བརྩེ་བ་དང་དྲན་གདུང་གིས།

མནར་ནས་ཁྱེད་རང་རྟག་པར་དྲན།

སེམས་སོང་བྱམས་པ།

སེམས་སོང་བྱམས་པ།

སེམས་ནས་བརྗེད་ཐབས་བྲལ།

སེམས་སོང་བྱམས་པ།

སེམས་སོང་བྱམས་པ།

ཁྱེད་ཀྱི་འཛུམ་ཞལ་དྲན།

རང་ལ་དགའ་བའི་བྱམས་པ།

གཞན་གྱི་མདུན་མར་བླངས་སོང་།

ཁོག་གནད་སེམས་པའི་གཅོང་གིས།

ལུས་པོ་ཤ་ཡང་བསྐམས་སོང་།

སེམས་སོང་བྱམས་པ་ལགས།

ངེད་གཉིས་དབར་ལ་མངོན་མེད་ཀྱི་གཙང་བོ་ཞིག་གིས་བཅད།

བརྗེད་ཐབས་མེད་ལ་མཉམ་འཛོམས་ཀྱི་བསྐལ་བ་ཡང་བྲལ།

སེམས་སོང་བྱམས་པ་ཁྱེད་ཀྱི་འཛུམ་ཞལ་དེ་དྲན་སོང་།

སྐད་ཆ་མང་པོ་ཁྱེད་ལ་བཤད་ན་འདོད་ཀྱང་བཤད་ཁོམ་བྲལ།

ངེད་གཉིས་དབར་ལ་མངོན་མེད་ཀྱི་རི་བོ་ཞིག་གིས་བཅད།

གཞས་མ་གཏམ།

མི་ལོ་མང་པོ་འདས་པའི་རྗེས་སུ།

10933]འདས་ཟིན་གྱི་རྨི་ལ12972)མ་རྨིས་པ་ཅི།

རང་ལ་དགའ་བའི་བྱམས་པ་གང་དུ་བཞུགས།

ངའི་མི་ཚེ་ལ་གསོན་ཤུགས་བྲལ།

འཚོ་བ་ལ་རེ་སྙེག་དབེན།

མ་བྲིས་སེམས་ཀྱི་རི་མོ།

བསུབས་ཀྱང་བསུབ་རྒྱུ་མི་འདུག

སེམས་སོང་བྱམས་པ་ལགས

བརྩེ་བའི་རི་མོ་ནམ་ཡང་སེམས་ལ་བརྐོས།

དྲན་པའི་སེམས་པ་ནམ་ཡང་འགོག་ཐབས་མེད།

སེམས་སོང་བྱམས་པ།

སེམས་སོང་བྱམས་པ།

ལྷར་ཡང་མཇལ་དུས་སུ།

སེམས་སོང་བྱམས་པ།

སེམས་སོང་བྱམས་པ།

དབུ་སྐྲ་ཁ་བས་ཟིན།

སེམས་སོང་བྱམས་པ།

སེམས་སོང་བྱམས་པ།

ལྷར་ཡང་མཇལ་དུས་སུ།

སེམས་སོང་བྱམས་པ།

སེམས་སོང་བྱམས་པ།

དབུ་སྐྲ་ཁ་བས་ཟིན།