最近搜索
彩虹 - 罗布桑珠 《彩虹》 HQ SQ
更新时间:2025-03-11 19:19:36
文件格式:flac
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
彩虹 - 罗布桑珠 相似推荐
歌词

彩虹 - 罗布桑珠

词:罗布桑珠

曲:罗布桑珠

ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།

ང་ཡི་བརྩེ་བའི་ཕ་ཡུལ།

ང་ཡི་བརྩེ་བའི་ཕ་མ།

ང་ཡི་བརྩེ་བའི་སྤུན་མཆེད།

ཁྱེད་རྣམས་ཚོ་དེ་ཞག་བདེ་པོ་ཡིན་པས།

I wanna sing a song for you

ས་ཐག་འགྱངས་ནས།

ཁ་བ་དཀར་པོའི་ཡུལ་བྲལ་ནས།

མེ་ལོང་ནང་ནས་ཕ་མའི་ཞལ་རས་མཇལ།

ཉིན་མོ་རེ་རེ།

ཡར་འགྲོ་མར་འགྲོ་བྱེད་མཁན་གྱི།

མི་ཚོགས་དཀྱིལ་ནས་ང་ཡི་སྤུན་མཆེད་མཇལ།

ལེ་དབར་སྟོང་ཕྲག་བྲལ་ཡང་།

སེམས་པ་ཁྱེད་ཚོའི་ཕྱོགས་སུ་ཆགས་ཡོད།

ཕ་ཡུལ་ཕྱོགས་ཀྱི་སྤུན་མཆེད་ཁྱེད་རྣམས་བདེ་པོ་ཡིན་ནམ།

འཇའ་ཚོན་སྣ་བདུན་གནམ་ལ་བཞད།

ང་ཡི་རྩྭ་ཐང་ཡིད་ལ་དྲན།

གནའ་བོའི་གཏམ་རྒྱུད་རྣ་ལམ་དུ་དྲན།

འཇའ་ཚོན་སྣ་བདུན་གནམ་ལ་བཞད།

ང་ཡི་རྩྭ་ཐང་ཡིད་ལ་དྲན།

མཛེས་པའི་ཕ་ཡུལ་ཕྱོགས་སུ་ལེན།

གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།

ལོ་ཟླ་མང་པོ།

རང་ཡུལ་དྲན་པའི་དུས་དེ་ཚོ།

རང་ཉིད་གཅིག་པུ་ཕ་ཡུལ་ཕྱོགས་སུ་བལྟས།

དཀའ་ངལ་མང་པོ།

ཕ་མ་དྲན་པའི་དུས་དེ་ཚོ།

རང་ཉིད་གཅིག་པུ་མཆི་མ་ལྷུང་ནས་བསྡད།

ལེ་དབར་སྟོང་ཕྲག་བྲལ་ཡང་།

སེམས་པ་ཁྱེད་ཚོའི་ཕྱོགས་སུ་ཆགས་ཡོད།

ཁུ་སིམ་གྱི་མཚན་མོར་ང་ཡིས་གླུ་འདི་ལེན།

ལེ་དབར་སྟོང་ཕྲག་བྲལ་ཡང་།

སེམས་པ་ཁྱེད་ཚོའི་ཕྱོགས་སུ་ཆགས་ཡོད།

ཕ་ཡུལ་ཕྱོགས་ཀྱི་སྤུན་མཆེད་ཁྱེད་རྣམས་བདེ་པོ་ཡིན་ནམ།

འཇའ་ཚོན་སྣ་བདུན་གནམ་ལ་བཞད།

ང་ཡི་རྩྭ་ཐང་ཡིད་ལ་དྲན།

གནའ་བོའི་གཏམ་རྒྱུད་རྣ་ལམ་དུ་དྲན།

འཇའ་ཚོན་སྣ་བདུན་གནམ་ལ་བཞད།

ང་ཡི་རྩྭ་ཐང་ཡིད་ལ་དྲན།

མཛེས་པའི་ཕ་ཡུལ་ཕྱོགས་སུ་ལེན།

ཨོའོ་་་་

ཉ་མོ་ཞིག་ལ་འགྱུར་རྒྱུ་བྱུང་ན་བསམ་ནས་མཐའ་ཡས་རྒྱ་མཚོར་མཇལ།

གཤོག་རྩལ་ངོམ་ནས་ཕ་ཡུལ་ཕྱོགས་ལ་འགྲོ་བའི་སེམས་འདུན།

འཇའ་ཚོན་སྣ་བདུན་གནམ་ལ་བཞད།

ང་ཡི་རྩྭ་ཐང་ཡིད་ལ་དྲན།

གནའ་བོའི་གཏམ་རྒྱུད་རྣ་ལམ་དུ་དྲན།

འཇའ་ཚོན་སྣ་བདུན་གནམ་ལ་བཞད།

ང་ཡི་རྩྭ་ཐང་ཡིད་ལ་དྲན།

མཛེས་པའི་ཕ་ཡུལ་ཕྱོགས་སུ་ལེན།

མཛེས་པའི་ཕ་ཡུལ་ཕྱོགས་སུ་ལེན།