四海朋友聚雪域 - 勒毛措
词:日当呷扎
曲:加贝
ཤར་ཕྱོགས་ཀྱི་ཕྲག་ནས་མཆེད་པའི་ཉི་གཞོན་གྱི་གསེར་འོད་དེ།
གཡང་དཀར་གྱི་རྗེས་སུ་འབྱོར་བའི་སྙན་འགྱུར་གྱི་གླུ་སྐད་དེ།
རི་སྒང་ལ་ཚོམ་ཚོམ་བཞད་པའི་འཇམ་མཉེན་གྱི་མེ་ཏོག་དེ།
གཡུ་མདོག་གི་ཚལ་ན་ཤར་བའི་ལྷ་ཡུལ་གྱི་ཉམས་སྣང་དེ།
གངས་ལྗོངས་ཀྱིས་ཁྱེད་ལ་ཕུལ་བའི་དྭངས་གཙང་གི་སེམས་པ་ཡིན།
ལྷིང་འཇགས་ཀྱི་གོམ་སྒྲ་ཁུར་ནས་རྩྭ་ཐང་ལ་ཞབས་ཀྱིས་ཆོགས་དང་།
ཁྱེད་ཀྱི་མགུལ་ལ་དྲི་མེད་ཁ་བཏགས་འཐེན།
ཁྱེད་ཀྱི་སེམས་ལ་སྐྱིད་ཀྱི་དཔལ་ཡོན་སྒྲོན།
ཨེ་་་་་་་་་རྒྱལ་ཁམས་ཀྱི་གྲོགས་པོ་གྲོགས་པོ་ཚོ།
ཁྱེད་ཀྱི་མགུལ་ལ་དྲི་མེད་ཁ་བཏགས་འཐེན།
ཁྱེད་ཀྱི་སེམས་ལ་སྐྱིད་ཀྱི་དཔལ་ཡོན་སྒྲོན།
ས་ཆེན་གྱི་རྩེ་ནས་འཕྲོས་པའི་མཁའ་མཉམ་གྱི་བྱམས་བརྩེ་དེ།
འཛམ་གླིང་གི་བརྒྱན་དུ་བསྩལ་བའི་དྲང་བདེན་གྱི་བརྟུལ་ཞུགས་དེ།
མཐོ་རིས་ཀྱི་བདེ་སྐྱིད་འདྲེན་པའི་ཡིག་དྲུག་གི་དབྱངས་རྟ་དེ།
ཤེལ་དཀར་གྱི་རི་ལ་ཆགས་པའི་མི་ཡུལ་གྱི་ཞིང་ཁམས་དེ།