相恋之人是你是我 - 彭毛卓玛
词:彭毛卓玛
曲:阿柔公保加
原唱:彭毛卓玛
音乐宣传:谢旦贴吧工作室
སེམས་དང་བསམ་པ་གཅིག་ལ་འཁོར་ནས།།
དྲན་པའི་གཞུང་ལ་མགུར་ཞིག་བཞེངས་ཡོད།།
ཚིག་གི་སྲུང་རྟགས་མནའ་ཡིས་མདུད་ནས།
ཚེ་ཡི་གཏན་གྲོགས་ཡོང་ན་བསམ་བྱུང་།།
གང་ལ་དམ་ཚིག་ཁ་ཆད་མ་འཇོག།
སེམས་པ་འཁྲེང་ས་ཁྱོད་དང་ང་རེད།།
ལས་དང་སྐལ་བ་གཤོག་རྡེབ་བྱས་ནས།།
རླུང་གི་འཐུ་ནས་འཕུར་ཙམ་བྱེད་འདོད།།
སྣང་བའི་སྨུག་འདི་ཡལ་ཐུབ་མེད་ན།།
ལས་སྨོན་མེ་ལོང་ཕྱིས་ནས་སྒུག་ཟེར།།
སུ་ལ་ཡག་གི་འཛུམ་རིས་མ་སྟོན།།
འཁྲེང་བའི་མི་དེ་ཁྱོད་དང་ང་རེད།།
ཉིན་དང་སྲིབ་ཀྱི་བསྣོད་མཚམས་བར་ནས།།
ལུག་ཁྱུ་རྩྭ་ཁ་གཅིག་ལ་སྐོར་འདོད།།
སྐྱ་རེངས་བར་ནས་བྲལ་དགོས་བྱུང་ཡང་།།
སྲོད་ཁ་རེ་ནས་འཛོམ་ཡོང་བསམ་བྱུང་།།
འབྱོར་བ་རྒྱུ་ཡིས་བསླུ་བ་མ་འཁོར།།
འཁྲེང་བའི་སེམས་ཀྱི་ཁྱོད་དང་འུ་གཉིས།།