情有独钟 - 尼多/才桑
词:民间
曲:玉·扎西热旦
宣传:阿拉拉姆藏歌
ས་ཐང་ཆེན་ཐང་ཆུང་ཐང་གིས་བསྐོར།།
ཐང་ཆུང་ཆུང་གཡང་དཀར་ལུག་གིས་བསྐོར།།
ལུག་མང་པོས་བསྐོར་ནི་མ་རེད་ཀྱང་།།
དེའི་ནང་གི་གཡང་ཆེན་གཅིག་གིས་བསྐོར།།
ལུག་གཡང་དཀར། ལུག་གཡང་དཀར།
ལུག་མང་པོས་བསྐོར་ནི་མ་རེད་ཀྱང་།།
དེའི་ནང་གི་གཡང་ཆེན་གཅིག་གིས་བསྐོར།།
ས་སྡེ་ཆེན་སྡེ་ཆུང་སྡེ་ཡིས་བསྐོར།།
སྡེ་ཆུང་ཆུང་ཆུང་འདྲིས་རོགས་ཀྱིས་བསྐོར།།
རོགས་མང་པོས་བསྐོར་ནི་མ་རེད་ཀྱང་།།
དེའི་ནང་གི་འདང་ཆེན་གཅིག་གིས་བསྐོར།།
རོགས་ཆུང་ལོ། རོགས་ཆུང་ལོ།།
རོགས་མང་པོས་བསྐོར་ནི་མ་རེད་ཀྱང་།།
དེའི་ནང་གི་འདང་ཆེན་གཅིག་གིས་བསྐོར།།