出嫁姑娘 - 多哇·本措吉
词:日月之子
曲:冷智
音乐宣传/谢旦贴吧工作室
བུ་མོ་བག་འགྲོ་སྙིང་རེ་རྗེ།།
གཉོམ་ཆུང་སྐད་ཆ་ཤ་རེ་ཚ།།
ཡིན་ཡང་བུ་མོའི་ལས་དབང་རེད།།
གནས་ལ་འགྲོ་དགོས་གཤིས་བཟང་མ།།
བུ་མོ་བག་འགྲོ་སྙིང་རེ་རྗེ།།
ཕ་མར་བྲལ་ཁ་སེམས་རེ་སྐྱོ།།
ཡིན་ཡང་བུ་མོའི་ལས་དབང་རེད།།
གནས་ལ་འགྲོ་དགོས་སྙིང་ཉེ་མ།།
བུ་མོ་བག་འགྲོ་སྙིང་རེ་རྗེ།།
ཕུ་ནུའི་མཛའ་བརྩེ་འདངས་རེ་ཆེ།།
ཡིན་ཡང་བུ་མོའི་ལས་དབང་རེད།།
གནས་ལ་འགྲོ་དགོས་བྱམས་ལྡན་མ།།
བུ་མོ་བག་འགྲོ་སྙིང་རེ་རྗེ།།
ཕ་ཡུལ་ཆས་འགྲོ་ཡིད་རེ་སྨྲེང་།།
ཡིན་ཡང་བུ་མོའི་ལས་དབང་རེད།།
གནས་ལ་འགྲོ་དགོས་སྒེག་ལྡན་མ།།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།