最近搜索
Noting - 巅藏说唱团 《Noting》 HQ
更新时间:2025-03-20 15:56:03
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
Noting - 巅藏说唱团 相似推荐
歌词

作词 : 59

མི་ཁ་ཤས་གད་མོ་བགད་གི་ ཁ་ཤས་སེམས་སྡུག་བྱེད་ཀྱིས་ ཁ་ཤས་གིས་ལས་ངན་བྱས་ཡིན་ནའི་ལས་རྒྱུ་འབྲས་འདི་ད་དུང་འཁོར་མིན་འདུག་ ཁ་ཤས་གི་ཚོགས་བསོད་ནམས་བསགས་ཡིན་ནའི་འབྲས་བུ་སྨིན་ཡག་དུས་འདི་སླེབས་མིན་འདུག་

གང་འདྲས་རས་ གང་འདྲས་རས་

འཚོ་བ་འདི་སྙིང་པོ་གང་འདྲས་རས་

རྣམ་ཤེས་བརླག་པའི་ཕུང་པོ་གཅིག་ནང་བཞིན་དམིགས་ཡུལ་མེད་ཕུགས་བསམ་མེད་

ཉིན་མཚན་མེད་གཉིད་ནང་བསྐྱལ་

འཚོ་བ་འདི་སྙིང་པོ་གང་འདྲས་རས་

བསྙལ་བའི་ནང་འཐིམ་པའི་ནང་བཞིན་ཡར་ཐོན་གྱི་བསམ་བློ་མེད་

ཤུལ་བཞག་གི་རིག་གནས་བརླགས་གསར་གཏོད་གི་སྙིང་སྟོབས་མེད་ སེམས་ཤུགས་མེད་ འབད་བརྩོན་མེད་

རྗེས་ལུས་ཕུད་ག་གའི་མེད་

རང་མི་རིགས་གི་སྐད་ཡིག་བརྗེད་ ར་མ་ལུག་གི་སྐད་ཀྱང་བརྒྱབ་ ད་དུང་ཁ་ཤས་ལ་ངོ་ཚ་མེད་

ཧམ་སེམས་གིས་བསླུས་ བཏང་སྙོམ་མེད་པའི་ལས་འབྲས་ཕྱིན་ཕྱི་ལོག་

ཡ་ང་བའི་རྣམ་ཤེས་ག་ཚོད་བར་མདོའི་གང་འདིའི་འཁྱམས་བྱས་ལས་

སྡིག་པ་བསགས་པའི་ལས་ འཁོར་ཚར་པའི་རྒྱུ་འབྲས་

ལྷག་བསྡད་པ་ཕངས་སེམས་དང་འགྱོད་སེམས་ཆགས་

ཚེ་སྲོག་ལ་གུས་བཀུར་མེད་ སྡིག་པའི་ལས་ལ་ཞུགས་

མི་ནི་ཡིག་དྲུག་བསྐྱོར་ཁག་མ་ཏོག་བྱམས་དང་སྙིང་རྗེའི་སེམས་འདི་གབ་ཕྱི་ལོག་

སྤྱི་ཚོགས་གི་རྙོག་དྲས་བཏུམས་ དྭངས་གཙང་གི་སེམས་འདི་བརླགས་ ཞེད་དངས་དང་ཕྲག་དོག་ནང་ནས་མཐའ་མ་སོ་སོ་མ་བརྙེད་པ་ཆགས་

ཚེ་འདིར་སྡིག་པ་མ་བསགས་ང་ཡི་སྤུན་ཟླ་ འུ་་་་་་

ང་ཡི་གཞས་འདི་གསན་དང་ཁྱེད་ཀྱིས་ཉན་དང་

སེམས་ལ་བཞགས་དང་

ཕྱིན་ཚར་པའི་ལམ་ཁག་བལྟས་ཤོར་པའི་ནོར་འཁྲུལ་ལ་ཡོ་བསངས་བསམ་

ཡིན་ནའི་ལའི་འགྱོད་གཤགས་སེམས་འདི་གཏིང་ནས་མེད་ན་

སྟོང་བསམ་ཆགས་

ཡག་ཉེས་གི་དབྱེ་བ་འཕྱེད་བྱེད་དུས་མིག་ཤེལ་བཏག་པའི་ཞར་བ་ཆགས་

སྦྱངས་ཚར་པའི་རིག་གནས་ཡིན་ནའི་ཁྱོད་ཚོའི་མདུན་ལ་ཟོག་རོ་ཆགས་

མི་ཚེ་འདིར་རིན་ཐང་བསམ་ མ་འོང་འཚོ་བར་བདེ་སྐྱིད་བསམ་ དཀའ་ལས་བརྒྱབ་སར་སླེབས་དུས་ནམ་མཁའི་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་

སྐྱབས་འཅོལ་ཡག་རྒྱུ་མཚན་མ་ཤེས་རྨོངས་འདད་བསམ་བློའི་འགོ་འདི་བཙུགས་

སྐུའདྲར་བལྟས་བྱས་སྨོན་ལམ་བརྒྱབ་ངར་ཡ་སྐྱབས་འཇུག་གནང་རོག་ཞུས་

འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅན་ཐམས་ཅད་དང་འབྲེལ་བ་མེད་པའི་གདོང་འདི་ཁྱེར་

གེར་སེམས་ཅན་གྱི་རྣམ་ཤེས་ཁྱོད་ཚོ་སྙལ་ལ་སྙིང་བརྗེ་སྐྱབས་ཐབས་མེད་

སངས་རྒྱས་སྟོན་པ་སྤྱན་རས་གཟིགས་ལའི་ཡར་འདྲེན་བྱེད་ཡག་ཐབས་ཤེས་མེད་

རྒྱལ་སྦྱིན་ཚངས་པའི་ཐིག་ཤིང་ཡིན་ནའི་ཁྱོད་ཚོའི་གྲས་ལ་དྲང་ཤག་མེད་

མི་ངན་ཁྱོད་ཚོ་གཤིན་རྗེས་སྒུག་བསྡད་ སྙལ་ལའི་སྡུག་བསྙལ་ཁྱོད་ཚོས་གི་མྱངས་དགོས་པའི་ལས་

མཐའ་མ་ཤི་བའི་དུས་སུ་སླེབས་དུས་རང་གི་བྱས་པའི་ནོར་འཁྲུལ་མིག་གི་མདུན་ལ་འཁོར་

མི་ལུས་རིན་ཆེན་གྱི་སྙིང་པོ་ང་གཉིས་ལག་ནས་ཐོར་

རྒྱུ་ནོར་དང་དབང་ཆ་ཁྱེར་ཡག་མེད་པ་ངགཞི་ནས་འཚོར་

ཚེ་འདིར་སྡིག་པ་མ་བསགས་ང་ཡི་སྤུན་ཟླ་ འུ་་་་་་

ང་ཡི་གཞས་འདི་གསན་དང་ཁྱེད་ཀྱིས་ཉན་དང་

སེམས་ལ་བཞགས་དང་