最近搜索
牛奶祭谣 - 曲杨卓玛 《牛奶祭谣》 HQ
更新时间:2025-04-07 06:16:51
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
牛奶祭谣 - 曲杨卓玛 相似推荐
歌词

牛奶祭谣 - 曲杨卓玛

词:唯曲

曲:岗贡加

宣传:谢旦贴吧工作室

སྟོད་གསེར་ལུང་རིང་མོའི་ནང་ནས།།

བཞོ་དུངས་བའི་ཨ་ཅེ་གསེར་མོའི།།

ལག་རིན་ཆེན་གསེར་ཟེའུ་ནང་ལ།

དཀར་འོ་མའི་དངོས་གྲུབ་འཁྱིལ་ཡོད།།

སྐད་སྙན་མོ་བཞོ་གླུར་བཀུག་ནས།།

སེམས་དཀར་བོ་འོ་མར་འདྲེས་ཡོད།།

སྐད་སྙན་མོ།

བཞོ་གླུ་ལ་བཀུག་ན།

སེམས་དཀར་བོ།

འོ་མ་ལ་འདྲེས་ཡོད།

འབྲི་མོའི་ལྷས་རའི་ནང་ན།།

གསེར་མོའི་གསེར་ཟེའུ་ཁ་ན།

སྐད་སྙན་མོ།

ངག་བདེ་མོ།

གླུ་སྐད་ཁུ་བྱུག་འདྲ་བོ།།

སྙན་འགྱུར་འོ་མས་མཆོད་ཡོད།།

བར་དངུལ་ལུང་ཡངས་མོའི་ནང་ནས།།

བཞོ་དུངས་བའི་ཨ་ཅེ་དངུལ་མོའི།།

ལག་རིན་ཆེན་དངུལ་ཟེའུ་ནང་ལ།།

དཀར་འོ་མའི་དངོས་གྲུབ་འཁྱིལ་ཡོད།།

ངག་བདེ་མོ་རྫི་གླུར་བཀུག་ནས།།

སེམས་དཀར་བོ་འོ་མར་འདྲེས་ཡོད།།

ངག་བདེ་མོ།

རྫི་གླུ་ལ་བཀུག་ན།

སེམས་དཀར་བོ།

འོ་མ་ལ་འདྲེས་ཡོད།

འབྲི་མོའི་ལྷས་ར་ནང་ན།།

དངུལ་མོའི་དངུལ་ཟེའུ་ཁ་ན།།

མགོ་ཕྲ་རྒྱན།

སྐེ་གཡུ་རྒྱན།

སྐྱེ་གཟུགས་ཚུགས་དྲུག་འདྲ་བོ།།

ལང་ཚོའི་འོ་མས་མཆོད་ཡོད།།

སྨད་དུང་ལུང་སྐྱིད་པོའི་ནང་ནས།།

བཞོ་དུངས་བའི་ཨ་ཅེ་དུང་མོའི།།

ལག་རིན་ཆེན་དུང་ཟེའུ་ནང་ལ།།

དཀར་འོ་མའི་དངོས་གྲུབ་འཁྱིལ་ཡོད།།

ཚིག་འཇམ་པོ་སྐྱིད་གླུར་བཀུག་ནས།།

སེམས་དཀར་བོ་འོ་མར་འདྲེས་ཡོད།།

ཚིག་འཇམ་པོ།

སྐྱིད་གླུ་ལ་བཀུག་ན།

སེམས་དཀར་བོ།

འོ་མ་ལ་འདྲེས་ཡོད།

འབྲི་མོའི་ལྷས་ར་ནང་ན།།

དུང་མོའི་དུང་ཟེའུ་ཁ་ན།།

འཛུམ་ཡག་མོ།

བློ་དྲང་མོ།

གཤིས་རྒྱུད་བལ་དཀར་འདྲ་བོ།།

གཞུང་བཟང་འོ་མས་མཆོད་ཡོད།།