最近搜索
酒歌 - 歌手班玛措 《酒歌》 HQ
更新时间:2025-05-17 17:46:47
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
酒歌 - 歌手班玛措 相似推荐
歌词

酒歌 - 班玛措

词:丹增卓色

曲:丹增卓色

ཚིག་དང་དབྱངས། བསྟན་འཛིན་སྒྲོན་གསལ།

ལེན་མཁན། པདྨ་མཚོ།

ཆང་གཞས་ལ་ལེན་པས་ཆང་ལ་རོལ།

ཆང་གཞས་ལ་སྙན་མོའི་ཆང་གླུ

ལེན་པའི་ཆང་གླུ་གྲོགས་དང་ན་ཟླ་ལ་ཕུལ་ཆོག

༝༝༝

ཆང་ཞིག་དང་པོ་བཀྱག་ནས།

དཀོན་མཆོག་གསུམ་གྱི་ཞལ་ལ་ཕུལ།

ཆང་ཞིག་གཉིས་པ་བཀྱག་ནས།

དྲིན་ཆེ་ཕ་མའི་ཞལ་ལ་ཕུལ།

ཆང་ཞིག་གསུམ་པ་བཀྱག་ནས།

མགྲོན་པོ་ཡོངས་ལ་ཕུལ།

ང་ཚོ་འདི་ལ་འཛོམས་འཛོམས།

འཛོམས་པའི་འཛོམས་ཆང་ཡོད།

ཡ་རེ་་་ཡ་རེ་་་ཡ་རེ་ནས་ཆང་ཁ་ལ་ཞིམ་སོང་།

འོ་་་འོ་་་འོ་དགའ་བའི་གླུ་ཞིག་ཡོད།

ཡ་རེ་་་ཡ་རེ་་་ཡ་རེ་ནས་ཆང་ཁ་ལ་ཞིམ་སོང་།

འོ་་་འོ་་་འོ་དགའ་བའི་གླུ་ཞིག་ཡོད།

༝༝༝

ལྷན་རྒྱས་དགའ་འཛོམས་བྱུང་བས། བཀྲ་ཤིས་སྨོན་འདུན་ཞུ།

ལྷན་རྒྱས་བདེ་ལེགས་ཡོང་བའི། བཀྲ་ཤིས་གླུ་དབྱངས་ལེན།

ལྷན་རྒྱས་དགའ་འཛོམས་བྱུང་བས། བཀྲ་ཤིས་སྨོན་འདུན་ཞུ།

ལྷན་རྒྱས་བདེ་ལེགས་ཡོང་བའི། བཀྲ་ཤིས་གླུ་དབྱངས་ལེན།

བཀྲ་ལ་ཤིས་པ་ཤོག གཡང་ལ་ནི་ཆགས་པ་ཤོག

བཀྲ་ལ་ཤིས་པ་ཤོག གཡང་ལ་ནི་ཆགས་པ་ཤོག

བཀྲ་ཤིས་བདེ་ལེགས་ཞུ།

༝༝༝

ཆང་ཞིག་དང་པོ་བཀྱག་ནས།

དཀོན་མཆོག་གསུམ་གྱི་ཞལ་ལ་ཕུལ།

ཆང་ཞིག་གཉིས་པ་བཀྱག་ནས།

དྲིན་ཆེ་ཕ་མའི་ཞལ་ལ་ཕུལ།

ཆང་ཞིག་གསུམ་པ་བཀྱག་ནས།

མགྲོན་པོ་ཡོངས་ལ་ཕུལ།

ང་ཚོ་འདི་ལ་འཛོམས་འཛོམས།

འཛོམས་པའི་འཛོམས་ཆང་ཡོད།

ཡ་རེ་་་ཡ་རེ་་་ཡ་རེ་འབྲུ་ཆང་ཁ་ལ་ཞིམ་སོང་།

འོ་་་འོ་་་འོ་བདུད་རྩི་ལུས་ལ་སིམ་སོང་།

ཡ་རེ་་་ཡ་རེ་་་ཡ་རེ་འབྲུ་ཆང་ཁ་ལ་ཞིམ་སོང་།

འོ་་་འོ་་་འོ་བདུད་རྩི་ལུས་ལ་སིམ་སོང་།

༝༝༝

དགའ་བའི་གླུ་དབྱངས་ལེན་དང་། གྲོགས་པོ་གྲོགས་མོ་ཚོ།

སྐྱིད་པའི་ཞབས་བྲོ་འཁྲབ་དང་། གྲོགས་པོ་གྲོགས་མོ་ཚོ།

དགའ་བའི་གླུ་དབྱངས་ལེན་དང་། གྲོགས་པོ་གྲོགས་མོ་ཚོ།

སྐྱིད་པའི་ཞབས་བྲོ་འཁྲབ་དང་། གྲོགས་པོ་གྲོགས་མོ་ཚོ།

དེ་རིང་ལྷན་འཛོམས་བྱུང་བ། དུས་ཚོད་བཟང་པོ་རེད།

མཆོད་ཆང་གཙང་བཞེས་གནང་དང་། གྲོགས་པོ་གྲོགས་མོ་ཚོ།

བཀྲ་ཤིས་བདེ་ལེགས་ཞུ།

དེ་རིང་ལྷན་འཛོམས་བྱུང་བ། དུས་ཚོད་བཟང་པོ་རེད།

མཆོད་ཆང་གཙང་བཞེས་གནང་དང་། གྲོགས་པོ་གྲོགས་མོ་ཚོ།

བཀྲ་ཤིས་བདེ་ལེགས་ཞུ།