ཆང་གྲོགས།
གཞས་ཚིག གསོན་པོ།
གཞས་གདངས།འཕྲིན་ལས་འོད་ཟེར
གཞས་མ།དངོས་གྲུབ་སྒྲོལ་མ།
གྲོགས་པོ་་་་ཆང་ཕོར་ཡར་ལ་ཁྱོགས།
གྲོགས་པོ་་་་ཆང་ཕོར་ཡར་ལ་ཁྱོགས།
ཁ་སེམས་མཐུན་པའི་གྲོགས་པོ།
མཉམ་འཛོམས་བྱུང་ན་དགའ་བ།
དགའ་བའི་སེམས་ཀྱི་དགོད་སྒྲ།
ཆང་ཕོར་ནང་ན་བཅུག་ཡོད།
འཐུང་ཡ་་་འཐུང་ཡ
སེམས་ཀྱི་གསང་གཏམ་ཐུངས་རོགས།
འཐུང་ཡ་་་་འཐུང་ཡ
གྲོགས་པོའི་བརྩེ་འདང་བཞེས་རོགས།
གྲོགས་པོ་་་་ཆང་ཕོར་ཡར་ལ་ཁྱོགས།
གྲོགས་པོ་་་་ཆང་ཕོར་ཡར་ལ་ཁྱོགས།
ཉི་ཟླ་ལྷན་འཛོམས་ཀྱི་ཉིན་མོ།
སེམས་པ་ཉིས་འཛོམས་ཀྱི་སྤྲོ་བ།
དགའ་སྤྲོའི་གཞས་ཆུང་གི་དབྱངས་རྟ།
ཆང་ཕོར་ནང་ལ་བཅུག་ཡོད།
འཐུང་ཡ་་་འཐུང་ཡ
སེམས་ཀྱི་གསང་གཏམ་ཐུངས་རོགས།
འཐུང་ཡ་་་་འཐུང་ཡ
གྲོགས་པོའི་བརྩེ་འདང་བཞེས་རོགས།
ཐུངས་ཡ་་་ཐུངས་རོགས་བྱོས་གྲོགས་པོ།