最近搜索
缘尽之忧 - 泽拉 《缘尽之忧》 HQ SQ
更新时间:2025-03-24 12:21:06
文件格式:flac
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
缘尽之忧 - 泽拉 相似推荐
歌词

缘尽之忧 - 阿先/泽拉

词:叶热岗

曲:旦增加

编曲:旦增加

ཚིག་རྩོམ་མཁན། གཡེ་རུས་རྐང་།

དབྱངས:བསྟན་འཛིན་རྒྱལ།

ལེན་མཁན:ཨ་བྱམས། ཚེ་ལྷ།

བརྩེ་བ་གཞན་ལ་སྟེར་མ་མྱོང་།།

སྙིང་གཏམ་གཞན་ལ་གླེང་མ་མྱོང་།།

ཤ་དང་མཆིན་པར་བྲིས་པའི་འདང་།།

འདང་བརྩེ་རི་མོའི་དམ་ཚིག་བསྣོགས།།

ལས་དབང་མེད་ན་བསྐྱུར་ལ་ཞོག།

རི་མོ་གསལ་ཡང་ཅི་ཞིག་བྱེད།།

ལང་ཚོ་གཞན་ལ་ངོམ་མ་མྱོང་།།

ནང་སེམས་གཞན་ལ་བསྟན་མ་མྱོང་།།

གློ་དང་སྙིང་ལ་ཟུག་པའི་ཚིག།

སེམས་ལ་བཞག་པའི་ན་ཟུག་ལྕི།།

ལས་དབང་མེད་ན་བསྐྱུར་ལ་ཞོག།

ན་ཟུག་འཇམ་ཡང་ཅི་ཞིག་བྱེད།།

ལས་ཀྱི་མཛུབ་དཀྲིས་གཡུག་མ་མྱོང་།།

སེམས་ཀྱི་རྙི་ནས་གཏོང་མ་མྱོང་།།

ཉིན་མཚན་དཀར་ནག་བསྒོམས་པའི་ཁྱོད།།

རེག་ཏུ་མེད་པའི་འཇའ་ཡི་གུར།།

ལས་དབང་མེད་ན་བསྐྱུར་ལ་ཞོག།

མིག་ལ་མཛེས་ཀྱང་ཅི་ཞིག་བྱེད།།