ཕྱིང་དཀར་ཞྭ་མོ།
白毡帽
ཚིག ཨ་ཕ་ཆེ་ཆེ། འབྲུག་ལྷ་རྒྱལ།
作词:阿爸切切/周拉加
དབྱངས། ནོར་བུ་དབང་རྒྱལ།
作曲:俄日西杰
ལེན་མཁན། ཇ་ཤིང་མེ་ཏོག
歌手:嘉驤梅朵
སྒྲ་ལེན་པ། རིན་ཆེན་དོན་གྲུབ། བརྙན་ལེན་པ།
བསྒྲིགས་སྦྱོར་བ། ཁྲོ་རྒྱལ་འབུམ། ཇུག་འགོད་པ། ཁྲོ་རྒྱལ་འབུམ།
ཨ་མགོ་ལ་རྩེད་ཡེ། མགོ་ལ་ཡག་པོ་ཕྱིང་དཀར་ཞྭ་མོ་ཡིན།
ལུག་ཆུང་ཚེར་མོའི་བལ་དཀར་དྭངས་རྩེ་ལ་ཡིན། ༼ཡེ༽
མགོ་རྒྱན་ཡག་མོ༼སོ༽ སྟོང་སྐོར་ཇ་ལ་ཡིན༼ཡེ༽
ཁ་རྒྱན་རི་མོ༼སོ༽ གོས་ཆེན་འཁོར་ལོ་ཡིན།༼ལོ༽
ཨ་མགོ་ལ་རྩེད། ཇ་ལ་ལྡེམ་སེ་ལྡེམ།
ཡ་ལ། ཁ་རྒྱན་གོར་སེ་གོར། ཕྱིང་དཀར་ཞྭ་མོ་ཡེ། ཡ་ལ སྤྱི་བོའི་གཙུག་ཏུ་བཀུར།
དབུ་རྒྱན་ཡག་མོ། ཨ་སྔོན་བཀུར་ཏུ་བཀྱགས་ལོ།
~
ཨ་མགོ་ལ་རྩེ་ཡེ། མགོ་ལ་ཡག་པོ་སྟོང་སྐོར་ཇ་ལ་ཡིན།
ཇ་ལ་དམར་པོ་ཕྱིང་ཞྭའི་གཙུག་རྒྱན༼ལ༽ཡིན།༼ཡེ༽
ཕྱིང་དཀར་ཞྭ་མོ༼སོ༽སྤྱི་བོའི་གཙུག་ཏུ་བཀུར།༼ཡེ༽
དབུ་རྒྱན་ཡག་མོ༼སོ༽ཨ་སྔོན་དགོང་ལ་བཀྱགས། ༼ལོ༽
ཨ་མགོ་ལ་རྩེད། ཇ་ལ་ལྡེམ་སེ་ལྡེམ།
ཡ་ལ། ཁ་རྒྱན་གོར་སེ་གོར། ཕྱིང་དཀར་ཞྭ་མོ་ཡེ། ཡ་ལ སྤྱི་བོའི་གཙུག་ཏུ་བཀུར།
དབུ་རྒྱན་ཡག་མོ། ཨ་སྔོན་བཀུར་ཏུ་བཀྱགས་ལོ།
~
ཨ་མགོ་ལ་རྩེ་ཡེ། མགོ་ཞྭ་ཡག་པོ་སྟོང་སྐོར་ཇ་ལ་ཅན།
ཁྲོམ་ཆེན་གྲལ་ལ་འཚོགས་དུས་ཤོམ་ཞྭ༼ལ༽ཡིན། ༼ཡེ༽
ཕྱིང་ཞྭ་དཀར་པོ༼སོ༽དུང་གི་ཁ་དོག་ཡིན།༼ཡེ༽
ཇ་ལ་དམར་པོ༼སོ༽མེ་ལྕེ་འབར་འདྲ་ཡིན། ༼ལོ༽
ཨ་མགོ་ལ་རྩེད། ཇ་ལ་ལྡེམ་སེ་ལྡེམ།
ཡ་ལ། ཁ་རྒྱན་གོར་སེ་གོར། ཕྱིང་དཀར་ཞྭ་མོ་ཡེ། ཡ་ལ སྤྱི་བོའི་གཙུག་ཏུ་བཀུར།
དབུ་རྒྱན་ཡག་མོ། ཨ་སྔོན་བཀུར་ཏུ་བཀྱགས་ལོ།