མ་འོངས་པ།
སྐྱིད་སྡུག་རེས་ཀྱིས་ཡོང་བ།།
འཁོར་བའི་རང་བཞིན་ཡིན་ན།།
ཚེ་སྔོན་ལས་ཀྱི་བསྐོས་ཐང་།།
རང་རང་སོ་སོར་སྨིན་ཡོང་།།
བོད་པའི་སྐད་དང་ཡི་གེ།
མེས་པོའི་བླ་སྲོག་ཡིན་ན།།
དབྱངས་གསལ་སོར་བཞིའི་གླུ་སྐད།།
མ་འོངས་མདུན་ལམ་ལོས་ཡིན།།
རིན་ཆེན་མི་ལུས་གཙང་མ།།
ཐོབ་པ་བསྐལ་བ་བཟང་སོང་།།
ནང་གི་བསམ་པ་དཀར་པོ།།
མི་ཚེའི་ཕུགས་བསམ་ལོས་ཡིན།།
དལ་བརྒྱད་འབྱོར་བཅུ་ཚང་བའི།།
ཆོས་ལྡན་མི་རིགས་ཡིན་ན།།
རིག་གནས་ཆེ་ཆུང་བཅུ་པོ།།
མདུན་ལམ་འོད་སྣང་ལོན་ཡིན།།
ནང་སེམས་མཛེས་པའི་རྒྱན་ཆ།།
སེམས་པ་བཟང་པོ་ཡིན་ན།།
མ་ཎིའི་གདངས་དབྱངས་སྙན་མོ།།
ཤི་བོའི་ཆོས་སྐལ་ལོས་ཡིན།།
歌词汉语翻译:
歌词大意:
苦乐轮流循环
若是生活本质
前世因果报应
则会随缘而报
若是藏语文字
乃是祖先根基
三十四生韵母
定是兴之大道
能得宝贵人身
实乃天赐良机
一片赤子之心
定藏凌之云志
集聚八暇十美
若是信仰之族
十大艺术文化
定绽复兴之光
内在美的装饰
若是心地善良
倾心诵经祈福
定会引领逝者